གསལ་བསྒྲགས།

བླ་མ་དབུ་མཛད་ཁྲི་སྟོན་མཛད་སྒོ་།

༄༅།།མཁའ་སྤྱོད་གླིང་ཆོས་ཚོགས་ཀྱི་དབུ་འཛིན་༧སྐྱབས་རྗེ་་གངས་དཀར་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཀོན་མཆོག་བསྟན་འཛིན་མཆོག་ལ་༸གོང་ས་༸་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་སྤྱི་བོའི་མཛེས་རྒྱན་དུ་བཀའ་དྲིན་བསྩལ་པ་ལྟར། བོད་རྒྱལ་ལོ་༢༡༤༧ བོད་ཟླ་༡༡ ཚེས་༡༣ ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡༢ ཚེས ༢༧ གཟའ་སྐར་དགེ་བའི་ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། དགེ་ལུགས་སྤྱི་འཐུས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག དེ་བཞིན་གྲྭ་ཚང་གི་ལས་སྣེ་རྣམ་པ་དང་བསྟན་སྲུང་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མའི་སྐུ་རྟེན་བསྟན་འཛིན་ཚེ་སྐྱིད་བཅས་ནས་སྤོས་སྣེས་གདན་དྲངས་ཏེ་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ་བླ་མ་དབུ་མཛད་ཀྱི་ཁྲི་ལ་མངའ་གསོལ་བའི་བཀྲ་ཤིས་པའི་ཁྲི་འདོན་མཛད་སྒོ་སྔ་སྲོལ་བཟང་པོའི་ཕྱག་བཞེས་ལྟར་འཚོགས་པ་དང།སྐུ་མགྲོན་རྣམས་ཀྱིས་གཟིམ་ཤག་ཏུ་རྟེན་འབྲེལ་མཇལ་དར་འཐེན་རྗེས། ཉིན་གུང་གསོལ་ཚིགས་ཟབ་རྒྱས་བཅས་མཛད་སྒོའི་ལས་རིམ་མཐའ་དག་བཀྲ་ཤིས་ལོ་ལེགས་ངང་ལེགས་གྲུབ་བྱུང་སོང་།

Gankar Tulku Rinpoche Enthronment Ceremony as Lama Umzey of the Gyutod Monastery, December 27 2020 at Gyuto monastery, India.
Gankar Tulku Rinpoche Enthronment Ceremony as Lama Umzey of the Gyutod Monastery, December 27 2020 at Gyuto monastery, India.

གསལ་བསྒྲགས།


ཏོག་དབྱིབས་ཀྱི་ནད་ཡམས་ལ་བརྟེན་འཛིན་གྲྭ་དང། འདུ་འཛོམས་བྱེད་རྒྱུ་རིགས་གནས་སྐབས་རིང་ཕྱིར་འཐེན་གྱིས་ནམ་ཞིག་འདུ་འཛོམས་བྱེད་པར་ཉེན་མེད་ཀྱི་ཉིན་མོ་ནམ་ཤར་ཚེ་སྐབས་བསྟུན་གསལ་བསྒྲགས་ཞུ་འཆར་ཡོད། གནས་སྐབས་རིང་ཆོས་བཤད་ཀྱི་ལེ་ཚན་རྣམས་YouTube དྲྭ་ཐོགས་བརྒྱུད་བྱེད་བཞིན་ཡོད་ན་འཛིན་གྲྭའི་དུས་ཚོད་རེའུ་མིག་ལ་གཟིགས་པར་ཞུ། དྲྭ་རྒྱའི་ཁ་སྦྱང་ནི་

Khacholing Center YouTube Channel