མཁའ་སྤྱོད་གླིང་ཆོས་ཚོགས།

མཁའ་སྤྱོད་གླིང་ཆོས་ཚོགས།

མཁའ་སྤྱོད་གླིང་ཆོས་ཚོགས་ནི་ཐོག་མར་ཕྱི་ལོ་༡༩༩༧ ལོར་ཀྲིམ་ནེལ་སན་(Tim Nelson) ནས་བོད་པའི་བཙུན་མ་ཚོར་ཕན་རོགས་བསྒྲུབ་ཆེད་གསར་བཙུགས་གནང་བ་ཞིག་ཡིན། ཁོང་རང་གི་གདན་ཞུས་ལ་བརྟེན་རྒྱ་གར་ནས་བཙུན་མ་འགའ་་ཆོས་ཕྱོགས་ཀྱི་ལས་འགུལ་སྐྱོང་ཕྱིར་ ཨ་རིའི་ས་གནས་མི་ནི་སོ་ཀྲར་ཕེབས་ཐུབ་པ་བྱུང་ཡོད། དུས་ཚོད་གང་མཚམས་ཞིག་ནས་སྐུ་ཞབས་ནེལ་སན་མཆོག་ནས་ཆོས་ཚོགས་དེ་ཉིད་བརྒྱུད་ཆོས་ཀྱི་ལམ་སྟོན་སློབ་འཁྲིད་སོགས་ཀྱི་སྤྱི་ཚོགས་ཞབས་ཞུ་ཐུབ་ན་དགེ་མཚན་ཆེ་བར་གཟིགས་ཞིང། དེ་དོན་རང་གི་བླ་མ་སྐྱབས་རྗེ་གངས་དཀར་རིན་པོ་ཆེར་ལམ་སྟོན་བཀའ་སློབ་ཞུས་ཏེ་རིན་པོ་ཆེར་ཕྱི་རྒྱལ་བ་ནང་ཆོས་ལ་དོན་གཉེར་ཅན་གྱི་སློབ་མ་མང་དག་ཡོད་པར་བརྟེན་ཆོས་ཚོགས་འདི་བརྒྱུད་ཕན་བདེ་རྒྱ་ཆེ་བསྒྲུབ་ཐུབ་པར་གཟིགས་ནས་ཕྱི་ལོ་༢༠༠༢ ལོར་ཆོས་ཚོགས་དེ་ཉིད་རིན་པོ་ཆེར་རྩིས་འབུལ་ཞུས། དེང་ནས་བཟུང་ཏེ་ད་བར་མཁའ་སྤྱོད་གླིང་ཆོས་ཚོགས་འདི་ཉིད་རིན་པོ་ཆེའི་འཛིན་སྐྱོངས་འོག་ཡུལ་མི་མང་པོ་ཞིག་ལ་ཕན་ཐོག་བསྒྲུབ་བཞིན་གནས། 

སྐུ་ཞབས་ནེལ་སེན་མཆོག་༢༠༠༦ ལོར་སྐུ་ཚེ་མ་ཟིན། ཁོང་ད་ལྟ་ངེད་མཉམ་དངོས་སུ་མེད་ཀྱང་ཁོང་གི་བཀའ་དྲིན་ནི་ང་ཚོས་ནམ་ཡང་བརྗེད་ཐབས་མེད།

Gankar Tulku Rinpoche & Tim Nelson 2004